དང་པོ་མ་མཐོང་ཆོག་ག།
དང་པོ་མ་མཐོང་ཆོག་ག།
སེམས་པ་ཤོར་དོན་མི་འདུག།
གཉིས་པ་མ་འདྲིས་ཆོག་ག།
སེམས་གཅོང་ཡོང་དོན་མི་འདུག།
ལྷ་ས་མི་ཚོགས་མཐུག་ལ།
འཕྱོངས་རྒྱས་མི་སྤུས་དག་ཀ།
ང་ལ་དགོས་པའི་ཆུང་འདྲིས།
འཕྱོངས་རྒྱས་གཞུང་ན་ཡོད་དོ།
ལྷ་ཤིང་ཤུག་པའི་རྩེ་ལ།
ཁུ་བྱུག་གཞོན་ནུ་བབས་འདུག།
གསུང་སྐད་མང་པོ་མི་དགོས།
སྙན་པོ་ཚོག་གཅིག་གསུངས་དང།